རེ་ཞུའི་ཆ་རྐྱེན།

  • ༡.རེ་ཞུའི་དོན་ཚན་ཐད་ལ་ད་དུང་ཁྲིམས་དཔྱོད་པར་་སྐུ་ཚབ་དང་དག་འབུད་བྱེད་མཁན་ལ་མངགས་བཅོལ་བྱས་མེད།ཁྲིམས་ལུགས་རོགས་སྐྱོར་གྱི་ཁྲིམས་དཔྱོད་པ་པའམ་ཁྲིམས་ལུགས་རོགས་སྐྱོར་ལས་དོན་མི་སྣ་ཡང་སྐྱོར་བསྐོས་བྱས་མེད་པ།

  • ༢.རེ་ཞུ་མཁན་གྱི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པ།(དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་བདེན་དཔང་འདོན་སྤྲོད་བྱ་མི་དགོས་པའི་གནས་ཚུལ་དེ་དག་ཁོངས་སུ་མི་གཏོགས།)

དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་བདེན་དཔང་འདོན་སྤྲོད་བྱ་མི་དགོས་པའི་གནས་ཚུལ། སྤྱི་དམངས་ཀྱི་བདེན་པའི་རྒྱབ་ལངས་བའི་བྱ་སྤྱོད་དམ་སྤྱི་ཚོགས་ཀྱི་སྤྱིའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེན་ཐེབས་པ་སྐྱིན་ཚབ་འཇལ་བའམ་ཡང་ན་སྐྱིན་གསབ་སྤྲོད་པར་རེ་བ་ཞུ་བ། ཡང་ན་གྲོང་གསེབ་ནས་གྲོང་ཁྱེར་ལ་སོང་བའི་ལས་ཞུགས་མི་སྣའི་ངལ་རྩོལ་གྱི་ཐོབ་ཆ་སྤྲོད་པའི་རེ་བ་ཞུ་བའམ་ལས་རྨས་སྐྱིན་ཚབ་འཇལ་དགོས་པས་ཁྲིམས་ལུགས་རོགས་སྐྱོར་བྱེད་པའི་རེ་བ་ཞུ་བ་སོགས་དཔལ་འབྱོར་དཀའ་ཁག་ཡོད་མེད་ལ་ཞིབ་དཔྱོད་བྱེད་མི་དགོས།

  • ༣.གཤམ་གསལ་གྱི་དོན་ཚན་དག་གི་ཁྱབ་ཁོངས་སུ་གཏོགས་པའི་རེ་ཞུའི་དོན་ཚན།

ཉེས་དོན་དག་འབུད་དང་ཉེས་དོན་ལས་ཚབ།དོན་ཚན་ཁྱབ་ཁོངས་ཀྱི་ཚད་བཀག་མེད་པ། དཔལ་འབྱོད་ཐད་དཀའ་ངལ་ཡོད་པའི་བདེན་དཔང་དང་མིང་ཐོབ་བདེན་དཔང་།གྱོད་དོན་དང་འབྲེལ་བ་ཡོད་པའི་བདེན་དཔང་རྒྱུ་ཆ་ཡར་སྤྲོད་པ་ཙམ་གྱིས་ཆོག དོགས་ཡོད་ཉེས་ཅན་དང་གྱོད་ཡ། གཞུང་ཕྱོགས་ཁྲིམས་སྦྱོར་གྱི་གྱོད་དོན་ནང་གི་གནོད་འཚེ་འཕོག་མཁན་དང་དེའི་ཁྲིམས་བཀོད་སྐུ་ཚབ་བམ་གཉེན་ཚན་ཉེ་གྲས།།སྒེར་ཕྱོགས་ཞུ་སྦྱོར་གྱི་གྱོད་དོན་ནང་གི་སྒེར་ཕྱོགས་ཞུ་སྦྱོར་བྱེད་མཁན་དང་དེའི་ཁྲིམས་བཀོད་སྐུ་ཚབ་སོགས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ལ་རེ་ཞུ་བྱེད་ཆོག

དམངས་དོན་སྲིད་འཛིན་བཅའ་ཁྲིམས་རོགས་སྐྱོར།

དོན་ཚན་གྱི་ཁྱབས་ཁོངས་ཡོད་པ།(ཞབས་ཏོག་ཞུ་དངུལ་དང་རྟེན་དོད་གྲོན་དངུལ།གསོ་སྐྱོང་གྲོན་དངུལ་བཅས་སྤྲོད་པར་རེ་ཞུ་མཁན། འཆི་གོད་གྱོང་གསབ་རོགས་དངུལ་དང་སྐྱོབ་དངུལ་གནང་བར་རེ་ཞུ་མཁན།

ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྐྱིན་ཚབ་དང་སྲིད་འཛིན་ཁ་གསབ་སྤྲོད་པར་རེ་བ་ཞུ་མཁན།སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ངམ་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཐང་གནང་བར་རེ་བ་ཞུ་མཁན།

ཁྱིམ་ཚང་གི་གཏུམ་སྤྱོད་དང་མནར་གཅོད་ཕོག་པ།གསོ་འགན་མི་འཁུར་བ་སོགས་དབང་གནོད་ཀྱིས་རྐྱེན་གྱིས་གཉེན་སྒྲིག་ཁྱིམ་ཚང་གི་དམངས་དོན་ཁེ་དབང་ལ་འདོད་ཚུལ་འདོན་མཁན།

འགྲིམ་འགྲུལ་དོན་རྐྱེན་དང་།སྨན་བཅོས་གནོད་སྐྱོན།ལས་རྨས་དོན་རྐྱེན།ཟས་རིགས་དང་སྨན་རྫས་བདེ་འཇགས་ལས་འཛོལ་ལམ་ཡང་ན་ཁོར་ཡུག་སྦགས་བཙོག་སོགས་དབང་གནོད་ཀྱི་བྱ་སྤྱོད་སྤེལ་བའི་དབང་གིས་གནོད་སྐྱོན་བཟོས་པར་སྐྱིན་ཚབ་སྤྲོད་པར་རེ་བ་ཞུ་མཁན།

རྫས་ལུད།ཞིང་སྨན།ས་བོན།ཞིང་ལས་འཕྲུལ་ཆས་བཅས་རྫུན་ཞན་དང་ཐོན་རྫས་རྫུན་ཞན་གཞན་དག་བཀོལ་སྤྱོད་བྱས་པའི་དབང་གིས་གནོད་སྐྱོན་བཟོས་པར་སྐྱིན་ཚབ་སྤྲོད་པར་རེ་བ་ཞུ་མཁན།

ངལ་རྩོལ་པ་(གླ་བ)དང་མི་བཀོལ་སྡེ་ཚན་(གླ་བདག)བར་རྩོད་གླེང་བྱུང་དུས།ངལ་རྩོལ་པའི་(དམངས་དོན)ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་རེ་ཞུ་བྱེད་མཁན།

བདེན་པའི་རྒྱབ་ལངས་དང་ཡང་ན་སྤྱི་ཚོགས་ཀྱི་སྤྱིའི་ཁེ་ཕན་སྲུང་སྐྱོབ་བྱས་པའི་དབང་གིས་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཕོག་པར་ཁ་གསབ་བམ་སྐྱིན་ཚབ་འཇལ་བར་རེ་ཞུ་བྱེད་མཁན་དག་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་བདེན་དཔང་དང་།མིང་ཐོབ་བདེན་དཔང་།གྱོད་དོན་དང་འབྲེལ་བ་ཡོད་པའི་བདེན་དཔང་རྒྱུ་ཆ་སོགས་ཡར་སྤྲོད་དགོས།

བདག་སྤྲོད་བྱས་ཟིན་པའི་ཁྲིམས་ལུགས་རོགས་སྐྱོར་གྱོད་དོན་ལ་བྱེད་དགོས་བའི་གཞུང་དཔང་དང་ཁྲིམས་འཛིན་གསལ་འབྱེད།དོན་ཚན་གྱི་ཁྱབ་ཁོངས་ཚད་བཀག་མེད་ན་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་བདེན་དཔང་ཡར་སྤྲོད་མི་དགོས་ལ།བཅའ་ཁྲིམས་རོགས་སྐྱོར་བདག་སྤྲོད་བྱེད་པའི་བརྡ་ཡིག་དང་གྱོད་དོན་བདག་སྤྲོད་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་བཏོན་པའི་གྱོད་དོན་དེར་གཞུང་དཔང་དང་གསལ་འབྱེད་བྱེད་པའི་གནས་ཚུལ་གསལ་བཤད་ཡར་སྤྲོད་དགོས།